དབྱར་གསོལ་ཆེན་མོ།

བོད་ཟླ་ ༥ ཚེས་ ༡༥ ཉིན་འཛམ་གླིང་སྤྱི་བསངས་ལ་དབྱར་གསོལ་ཆེན་མོ་ཞེས་དགེ་འདུན་འདུས་མང་ཚོགས་ཡོངས་ནས་མགོན་པོ་། ལྷ་མོ། ཆོས་རྒྱལ། མགོན་དཀར། རྣམ་སྲས། ལྕམ་སྲིང་་དང་གཞན་ཡང་སེར་སྨད་གྲྭ་ཚང་གི་ཐུན་མོང་མ་ཡིན་པའི་ཆོས་སྲུང་ཐ་འོག་ཆོས་རྒྱལ་ཆེན་མོ་བཅས་ཀྱི་བསྐང་ཆོག་དང་། གཤེགས་གཏོར། གསེར་སྐྱེམས་འཕྲིན་བསྐུལ་བཅས་རྣམ་བཞིའི་འཕྲིན་ལས་སྒྲུབ་ངེས་བཞིན་པ་གནང་གི་ཡོད། གཞན་ཡང་གྲྭ་ཚང་མགོན་ཁང་ནང་ཆོག་གྲྭ་མགོན་པོ་བ་རྣམས་ཀྱིས་བསྐང་ཆོག་འཕྲིན་བཅོལ་གསེར་སྐྱེམས་ཉིན་ལྟར་མ་ཆད་པ་ཞུ་བཞིན་ཡོད།

དབྱར་གསོལ་འཚོག་བཞིན་པའི་རྣམ་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།