སློབ་གཉེར་བའི་ཉིན་ཞག་ཕྲུགས་གཅིག་གི་བྱེད་སྒོ།

༡༽ སྔ་དྲོ་ཚོུད་ ༥ བཞེངས་ནས་མང་ཇའམ། གྲྭ་ཇ་གང་རུང་ཡོད་ན་ཚོགས་ལ་ཕེབས་དགོས་ཀྱི་ཡོད།

༢༽ ཚོུད་ ༧ ཙམ་ལ་ཚོགས་གྲོལ་ནས་རང་ཤག་ཏུ་གད་ཕྱིས་གཙང་སྦྲ་སོགས་བྱས་ནས་དཔེ་ཆ་བློ་འཛིན་བྱེད་ཀྱི་ཡོད།

༣༽ ཚོུད་ ༩ པར་ཞོགས་པའི་ཆོས་ར་ཡོད་ན། ཆོས་རར་རྩོད་པ་དང་། སྐུ་རིམ་ཞལ་འདོན་སོགས་ལ་ངེས་པར་དུ་ཕེབས་དགོས་ཀྱི་ཡོད། ཆོས་ར་མེད་ན་སོ་སོའི་དཔེ་ཁྲིད་རྒན་གྱི་གཟིམ་ཤག་ལ་དཔེ་ཁྲིད་ཞུ་བར་བཅར་དགོས་ཀྱི་ཡོད། དཔེ་ཁྲིད་

དུས་ཡུན་ཚོུད་གཅིག་ཙམ་ཡིན།

༤༽ ཚོུད་ ༡༡ ལ་ཉིན་གུང་གི་ཞལ་ལག་དུས་ཡུན་རེད། ཚོགས་ལ་བསྙེན་བཀུར་ཞལ་ལག་ཡོད་ན་འདུས་མང་མཉམ་དུ་ཚོགས་ལ་བཅར་ནས་ཞལ་ལག་མཉམ་དུ་མཆོད་ཀྱི་ཡོད། དེ་མིན་སྤྱི་ཐབ་ཁང་ནས་བཞེས་ལག་འབུལ་གྱི་ཡོད།

༥༽ ཉིན་གུང་ཞལ་ལག་གྲུབ་ནས་ཏོག་ཙམ་ལྷོད་བཞུགས་ཐོག་ངལ་གསོ་གནང་གི་ཡོད།

༦༽ ཉིན་གུང་ཚོད་ ༡ ནས་ ༥ བར་དཔེ་ཁྲིད་ཞུ་བ་དང་། དཔེ་ཆ་བལྟ་ཀློག ཞོར་ལ་བོད་ཡིག་འབྲི་རྒྱུ་དང་། སྙན་ངག་སུམ་རྟགས་སོགས་སྦྱོང་བའི་དུས་ཚོད་ཡིན།

༧༽ ཚོུད་ ༥ པར་དགོང་དྲོའི་ཞལ་ལག་ཡིན།

༨༽ ཚོུད་ ༦ པ་ནས་ ༩ པའི་བར་དགོང་དྲོའི་ཆོས་ར་ཚུགས་ཀྱི་ཡོད་སྟབས། རྟག་པར་ཆོས་རར་ཕེབས་དགོས་ཀྱི་ཡོད། ཚོགས་དང་ཆོས་ར་མ་འགྲིམས་པར་བཞུགས་ན་ཉེས་ཆད་ཡོད།

༩༽ དགོང་དྲོའི་ཚོུད་ ༩ པར་ཆོས་ར་གྲོལ་ནས་ཚོུད་ ༩།༣༠ ནས་ ༡༡ བར་སོ་སོའི་ཁང་ཚན་དང་། ཤག་ཚང་སོ་སོའི་སྒོ་རྭར་ཚང་མ་ཕྱིར་ཐོན་ནས་དཔེ་ཆ་བློ་འཛིན་བྱས་པ་རྣམས་སྐྱོར་སྦྱང་། དེ་ཡང་རེས་གཟའ་ཟླ་བ་དང་། ལྷག་པ་སོགས་ལ་སློབ་གཉེར་བ་རྣམས་ཁང་ཚན་དང་། ཤག་ཚང་སོ་སོར་མཉམ་འཛོམས་ཐོག་རྒྱན་འཇུག་སོགས་རྩ་བ་རྣམས་བློ་ཐོག་ནས་སྐྱོར་སྦྱངས་ཞུ་ཡི་ཡོད།

༡༠༽ དགོང་དྲོའི་ཚོུད་ ༡༡ ཟིན་ན་དཔེ་ཆ་སྐྱོར་སྦྱང་དུས་ཚོད་རྫོགས་པ་ཡིན། དགོང་དྲོའི་ཚོུད་ ༡༢ ཙམ་ནས་སྐུ་གཟིམ་གནང་རྒྱུ་བཅས་ནི་ཉིན་ཞག་ཕྲུགས་གཅིག་གི་ནང་དུ་སློབ་གཉེར་བ་གཅིག་གི་བྱེད་སྒོ་ཡིན་ནོ།

༡༡༽ འཛིན་རིམ་རྒན་པ་མིང་བཏགས་འཛིན་གྲྭ་བ་རྣམས་ལོ་གཅིག་གི་ནང་དགུན་ཁ་ཟླ་བ་གཅིག་འདུལ་བ་རྨ་སྡོམ་གཞིར་བཟུང་ཐོག་དགོང་དྲོ་ཚོུད་ ༥ དང་ཕྱེད་ཀ་ནས་ ༩ དང་ཕྱེད་བར་རྩོད་པ་རྟག་པར་ཚུགས་པ་དང་། དཔྱིད་དུས་བོད་ཟླ་ ༢ པ་ནས་མཛོད་རྩ་གཞིར་བཟུང་ཐོག་མཛོད་ཀྱི་རྩོད་པ་ཟླ་བ་གཅིག་རིང་གོང་བཞིན་མ་ཆད་པར་ཚུགས་པ་དེ་ནི་སྔར་བོད་ནང་སེར་སྨད་གྲྭ་ཚང་དུ་མིང་བཏགས་རྩོད་པ་ཚུགས་སྲོལ་ཡོད་པ་དེ་བཞིན་སླར་གསོ་ཐུབ་ཡོད།

༡༢༽ འཛིན་རིམ་རྒན་པ་རྣམས་དང་མིང་བཏགས་པ་སློབ་གཉེར་ལེགས་གྲས་ཚང་མ་དགེ་ལུགས་རྒྱུགས་སྤྲོད་ལ་བང་རིམ་བཞིན་ལོ་དྲུག་ཙམ་བསྐྱོད་ནས་དགེ་བཤེས་ལྷ་རམས་པའི་མཚན་བཏགས་བཞེས་བཞིན་པ་བཅས་སོ། །

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།