ཨང་རིམ་རྩེ་སོན་རྣམ་པར་གཟེངས་བསྟོད་གནང་བ།

དེ་རིང་སྟེ་ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༡༤ ཉིན་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་གི་སློབ་གཉེར་ལྷན་ཚོགས་ནས་གོ་སྒྲིག་འོག ཕྱི་ལོ་ ༢༠༢༠ ལོའི་དགེ་ལྡན་ལུགས་བཟང་གཙུག་ལག་སློབ་གཉེར་ཁང་གི་རྒྱུགས་སྤྲོད་ཆེན་མོ་དང་། གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་ཁག་བཅས་ནས་ཨང་རིམ་རྩེ་སོན་ཐོན་པ་རྣམས་ལ་ལེགས་སྐྱེས་གཟེངས་བསྟོད་ཕུལ་བའི་མཛད་སྒོ་འཚོགས་པ།

གྲྭ་ཚང་གི་གཙུག་ལག་ཁང་དུ་མཛད་སྒོ་འཚོག་བཞིན་པའི་རྣམ་པ།
༧སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་ནས་བཀའ་སློབ་གནང་བཞིན་པ།
ཁྲིམས་བདག་དགེ་བསྐོས་མཆོག་ནས་བཀའ་སློབ་གནང་བཞིན་པ།
སློབ་གཉེར་རྒན་མཆོག་ནས་རྒྱུགས་སྤྲོད་ཨང་རིམ་རྩེ་སོན་རྣམས་ཀྱི་མཚན་དང་བརྒྱ་ཆ་བཅས་འདུས་མང་ལ་སྙན་སྒྲོན་ཞུ་བཞིན་པ།
དབུ་ཆོས་རྣམ་གསུམ་དང་། ཕྱག་མཛོད་ཆེན་མོ། སློབ་གཉེར་རྒན་རྣམ་པ། དགེ་ལུགས་རྒྱུགས་སྤྲོད་དང་། གྲྭ་ཚང་གི་ལོ་འཁོར་རྒྱུགས་སྤྲོད་སོགས་སུ་ཨང་རིམ་རྩེ་སོན་བྱུང་བ་རྣམ་པ་བཅས་ལྷན་དུ་བསྒྲོན་པ།
དབུ་ཆོས་རྣམ་གསུམ་དང་། སྤྱི་ཁྱབ་ཕྱག་མཛོད། སློབ་གཉེར་རྒན་རྣམ་པ་བཅས་ལྷན་དུ་བསྒྲོན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།