སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་མཆོག་གི་དགུང་གྲངས་ ༣༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་རྩི་གཟབ་རྒྱས་གནང་བ།

ཕྱི་ལོ་ ༢༠༢༦ ཟླ་ ༤ ཚེས་ ༢༥ ཉིན་གྱི་ཞོགས་པར། སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་སྐྱབས་རྗེ་མཁན་ཚབ་རིན་པོ་ཆེ་མཆོག་གིས་དབུས་པའི་ཁྲིམས་བདག་དགེ་བསྐོས་ལགས། དེ་བཞིན་དབུ་མཛད་ཆེན་མོ་ལགས། གྲྭ་ཚང་གི་ཕྱག་མཛོད་རྣམ་པ། སྣ་ཆེན་རྒྱུན་ལས་རྣམ་པ། སྡེ་ཚན་ཁག་གི་གན་འཛིན་བཅས་ལྷན་བཞུགས་ཐོག ཀུན་གཟིགས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་རྗེ་བཙུན་བསྟན་འཛིན་དགེ་འདུན་ཡེ་ཤེས་འཕྲིན་ལས་ཕུན་ཚོགས་དཔལ་བཟང་པོ་མཆོག་དགུང་གྲངས་ ༣༧ ལ་ཕེབས་པའི་སྐུའི་འཁྲུངས་སྐར་སྲུང་རྩི་གཟབ་རྒྱས་གནང་ཡོད།

དེ་རིང་གི་མཛད་སྒོའི་ཐོག་པཎ་ཆེན་རིན་པོ་ཆེ་མཆོག་གི་སྐུ་པར་མཐོང་གྲོལ་རིན་པོ་ཆེར་མཆོད་སྤྲིན་སྣ་ལྔ་འབུལ་བཤམས་དང་། ཞལ་འདོན་སྨོན་ལམ་གསུང་འདོན་གནང་སྟེ་མགོན་པོ་གང་ཉིད་སྐུ་ཚེ་བསྐལ་བརྒྱར་བརྟན་ཅིང་། གར་བཞུགས་གསལ་འབྲས་མྱུར་དུ་ཐོན་པའི་གསོལ་འདེབས་དང་སྨོན་ལམ་ཤུགས་དྲག་གནང་བ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།