དཔལ་ལྡན་སྲིད་སྐྱོང་མཆོག་གྲྭ་ཚང་དུ་འཚམས་གཟིགས་ལ་ཕེབས་པ།

༄༅། །ཕྱི་ལོ་ ༢༠༢༡ ཟླ་ ༤ ཚེས་ ༥ ཉིན་དབུས་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་འབུམ་རམས་པ་༸མི་རྗེ་མཁས་དབང་བློ་བཟང་སེང་གེ་མཆོག་སྦེལ་ཀོབ་ས་གནས་སུ་གཞུང་འབྲེལ་འཚམས་གཟིགས་སུ་ཕེབས་པ་དང་བསྟུན། འདི་ག་སེར་སྨད་ཐོས་བསམ་ནོར་གླིང་གྲྭ་ཚང་དུ་འཚམས་གཟིགས་ལ་ཕེབས་སྐབས། ༸སྐྱབས་རྗེ་མཁན་རིན་པོ་ཆེ་མཆོག་དང་། དབུ་ཆོས་རྣམ་པ། ཕྱག་མཛོད་རྣམ་པ། བླ་སྤྲུལ་དགེ་བཤེས་འདུས་མང་བཅས་ནས་ཕེབས་བསུ་གཟབ་རྒྱས་ཞུ་བཞིན་པ།

དཔྱད་མཆན་སྤེལ།

ཁྱེད་ཀྱི་གློག་ཡིག་གི་ས་གནས་དེ་ཁྱབ་སྤེལ་བྱེད་ཀི་མིན། རྟགས * ཅན་ངེས་པར་དུ་བླུགས་དགོས།